Bhutan has a growing number of formal Civil Society Organizations registered with the CSO Authority. They fall into two categories as specified in the CSO Act:
a) Public Benefit Organizations, which are CSOs that work on a range of issues such as women’s empowerment, youth development, rural poverty, animal care, environment and services for differently-abled persons;
b) Mutual Benefit Organizations, which are membership based and work to advance the shared interests of its members. These CSOs face human resource challenges and a lack of funds, which impede their work. They are also in a state of transition in terms of forming networks among themselves for joint issues and actions, engaging in policy discussions with stakeholders from the government and generally finding a space for themselves beyond providing care and implementing development projects. Apart from the registered CSOs, there are large numbers of community based organizations. These include farmer groups and cooperatives registered under the Cooperatives Act within the framework of the Ministry of Agriculture and Forests; and organized but non-registered groups and associations like youth groups, women’s groups, etc.
འབྲུག་གི་མི་སྡེ་ལས་ཚོགས།
འབྲུག་རྒྱལ་ཁབ་ནང་ མི་སྡེ་ལས་ཚོགས་དབང་འཛིན་དང་གཅིག་ཁར་ ཐོ་བཀོད་འབད་ཡོད་པའི་ སྒྲིག་མཐུན་གྱི་མི་སྡེ་ལས་ཚོགས་ཀྱི་གྱངས་ཁ་འདི་ ཡར་སེང་འགྱོ་སྟེ་འདུག། དེ་ཚུ་ཡང་ མི་སྡེ་ལས་ཚོགས་བཅའ་ཁྲིམས་དང་འཁྲིལ་ དབྱེ་ཁག་གཉིས་ནང་ཚུད་ཡོདཔ་དེ་ཡང་ ཀ༽ སྤྱི་ཕན་ལས་ཚོགས་ཟེར་ ཨམ་སྲུའི་དབང་ཆ་དང་ ན་གཞོན་གོང་འཕེལ་ དེ་ལས་ གྲོང་གསེབ་དབུལ་ཕོངས་དང་ སེམས་ཅན་གཅེས་སྐྱོང་ དེ་མ་ཚད་ དབང་པོ་སྐྱོན་ཅན་གྱི་དོན་ལུ་ ཞབས་ཏོག་ཀྱི་གནས་སྟངས་དང་འབྲེལ་བའི་གནད་དོན་ཚུ་ནང་ ལཱ་འབད་མིའི་ལས་ཚོགས་དང་། ཁ༽ ཐུན་མོང་ཁེ་ཕན་ལས་ཚོགས་ཟེར་ འཐུས་མིའི་གོ་གནས་ཐོག་ ཁེ་ཕན་ཚུ་ཡར་བསྐྱེད་གཏང་ནིའི་དོན་ལུ་ ལཱ་འབད་མི། མི་སྡེ་ལས་ཚོགས་འདི་ཚུ་ལུ་ མི་སྟོབས་ཀྱི་དཀའ་ངལ་དང་ མ་དངུལ་མ་ལངས་པའི་དཀའ་ངལ་ཚུ་གིས་ ཁོང་ཚུ་ལཱ་འབད་ནི་ལུ་ཐོ་ཕོག་སྟེ་འདུག། ལས་ཚོགས་ཚུ་ སྤྱི་རུབ་གནད་དོན་དང་ ལས་སྣ་ དེ་ལས་ གཞུང་གི་ལས་སྡེ་ཚུ་དང་སྲིད་བྱུས་ཀྱི་གྲོས་བསྟུན་འབད་ནིའི་ནང་ གྲལ་གཏོགས་འབད་ནི་དང་ སྤྱིར་བཏང་ གཅེས་སྐྱོང་དང་གོང་འཕེལ་གྱི་ལས་འགུལ་ཚུ་ བསྟར་སྤྱོད་འབད་ནི་ལས་ལྷག་སྟེ་ ཁོང་ཚུ་ལུ་སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྒྱུར་བཅོས་འགྱོ་བའི་གནས་ཚད་ཁར་ཡོདཔ་ཨིན། ཐོ་བཀོད་གྲུབ་པའི་མི་སྡེ་ལས་ཚོགས་ཚུ་ལས་ལྷག་སྟེ་ ཡུལ་སྡེ་ལུ་བརྟེན་པའི་ ལས་ཚོགས་ཀྱི་གྱངས་ཁ་ལེ་ཤ་ཡོད་མི་ཚུ་ཡང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་གཞི་བཀོད་ཀྱི་ནང་འཁོད་ མཉམ་འབྲེལ་ལས་ཚོགས་བཅའ་ཁྲིམས་མངའ་འོག་ ཐོ་བཀོད་འབད་ཡོད་མི་ མཉམ་འབྲེལ་ལས་ཚོགས་དང་ སོ་ནམ་སྡེ་ཚན་ དེ་ལས་ ལས་ཚོགས་བཟོ་ཡོད་རུང་ ཐོ་བཀོད་འབད་དེ་མེད་པའི་སྡེ་ཚན་ཚུ་དང་ ན་གཞོན་དང་ཨམ་སྲུའི་སྡེ་ཚན་ལ་སོགས་པའི་མཐུན་ཚོགས་ཚུ་ཚུདཔ་ཨིན།